
དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་རང་དབང་འཐབ་རྩོད་
ཀྱི་སྟོབས་ཤུགས་རྒྱར་བསྐྱེད་གཏོང་རྒྱུ་དང་བོད་ཀྱི་སྐད་ཡིག་དང་
རིག་གཞུང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ།
བོད་རིགས་གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས་དང་ནུས་སྟོབས་མཐོར་འདེགས་གཏོང་རྒྱུའི་ཐད་ང་ཚོས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ཏེ་བསམ་བློ་རྒྱ་ཆེ་སར་བཏང་ནས་གསར་གཏོད་ཀྱི་ལམ་ལ་གོམ་པ་མདུན་སྤོས་ཐོག་ནུས་པ་མཉམ་སྤུངས་ཀྱིས་བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་བཅས་སླར་གསོ་བྱེད་དགོས།


གངས་ཅན་པའི་ཕུགས་བསམ།
བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཁྲག་དང་རྔུལ་ཆུ་ཚོད་མེད་བཏང་བའི་ཕ་དམ་པ་གཙོས་ཁོང་ཚོའི་མི་རབས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་དེ་དག་བསྐྱར་གསོ་བྱེད་རྒྱུ་ནི་ངའི་རེ་བའི་ཕུགས་བསམ་ཡིན། བོད་མིའི་འཐབ་རྩོད་ཀྱི་ཁྲོད་དུ་ཀུན་སློང་རྣམ་པར་དག་ཅིང་དགོས་དམིགས་གསལ་ཁ་ལྡན་པ་དང་། ལུང་ཚན་ལས་སྤྱི་དོན་གཙོ་བོར་བཟུང་ནས་མཐུན་སྒྲིལ་དམ་སྲུང་བྱེད་པ། བག་འཁུམ་གྱི་གཤིས་ཀ་དོར་ནས་ལས་དོན་ལ་སྤྲོ་སྣང་དང་ཚོར་ཤུགས་ཡོད་པ། རང་གི་ཁེ་ཕན་ལས་སྤྱི་པའི་ཞབས་ཞུ་གཙོ་བོར་འཛིན་པ། གཞན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པ་ལས་རྐང་པའི་མི་འཐེན་པ། ༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་ལག་བསྟར་བྱེད་པ། བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་ཆེད་དུ་ནུས་པ་མཉམ་སྤུངས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་ཕུགས་བསམ་ཞིག་ངའི་སྙིང་ལ་བཅངས་ཡོད། ཕུགས་བསམ་དེ་མངོན་འགྱུར་ཡོང་མི་ཐུབ་པ་རྩ་ནས་མིན།
སྲིད་སྐྱོང་འོས་གཞིར་ལངས་དགོས་པའི་རྒྱུ་མཚན།
སྤྱིར་བཏང་ནམ་རྒྱུན་ནས་ལས་དོན་གང་འདྲ་ཞིག་བསྒྲུབས་ཀྱང་རང་ཉིད་གཙོ་བོར་མི་འཛིན་པར་སྤྱི་ཚོགས་ཀྱི་གནད་དོན་དང་ནུས་ཤུགས་གོང་མཐོར་ཕྱོགས་སུ་ནུས་པ་ཡོད་དགུ་རྩལ་སྤྲུགས་འདོན་ཐབས་བྱེད་མཁན་ཞིག་ཡིན་པ་ལས་ནམ་ཡང་བོད་མིའི་སྲིད་སྟེགས་མཐོ་ཤོས་འཛིན་མཁན་ཞིག་ལ་བསམ་བློ་བཏང་མ་མྱོང་། འོན་ཀྱང་། འདས་པའི་མི་ལོ་དགུའི་རིང་ལ་སྲིད་སྐྱོང་གི་དམིགས་བསལ་སློབ་སྟོན་པ་དང་། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་མི་འདྲ་བ་གཙོ་ཁག་གསུམ་ཙམ་གྱི་ཐོག་ཏུ་རང་ནུས་གང་ཡོད་དང་ལྷག་བསམ་རྣམ་དག་གིས་སྣེ་ཁྲིད་དང་འགན་འཁུར་བྱས་པའི་ཉམས་མྱོང་ཁྲོད་རང་ཉིད་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལས་དོན་ཞུ་སྒོ་ཁག་ལ་རྒྱུས་ལོན་དང་ཤེས་རྟོགས་ཟབ་མོ་བྱུང་ཡོད་པ་མ་ཟད་སྲིད་སྐྱོང་གི་ལས་འགན་ཁུར་རྒྱུར་གདེང་ཚོད་བརྟན་པོ་བྱུང་ཡོད།
གནད་དོན་གཙོ་བོ་ལྔ།
གནད་དོན་གཙོ་བོ་ལྔ། ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཤེས་འཇོན་ལྷག་བསམ་དང་ལྡན་པའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་སྲིད་སྐྱོང་གི་འོས་ཤོག་འཕེན་རོགས། ཁོང་གིས་བསམ་འཆར་ལ་ཉན་འཇོག་གནང་ཞིང་ཐག་གཅོད་ཁ་གསལ་ཐོག་ལས་དོན་མཐའ་དག་ཚུལ་བཞིན་སྒྲུབ་ངེས་རེད།